བཞུགས་སྒར་རྡ་སཱའི་ས་གནས་འགོ་འཛིན་འཕོ་འགྱུར།

2019-06-18
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་ས་ས་གནས་འགོ་འཛིན་རྙིང་པ་ཟླ་བ་རིན་ཆེན་ལགས་དང་ས་གནས་འགོ་འཛིན་གསར་པ་ཀུན་དགའ་ཚེ་རིང་ལགས་གཉིས་ཀྱི་འཕོ་ལན་སྐབས།
རྡ་ས་ས་གནས་འགོ་འཛིན་རྙིང་པ་ཟླ་བ་རིན་ཆེན་ལགས་དང་ས་གནས་འགོ་འཛིན་གསར་པ་ཀུན་དགའ་ཚེ་རིང་ལགས་གཉིས་ཀྱི་འཕོ་ལན་སྐབས།
ཨེ་ཤེ་ཡ་ཪང་དབང་རླུང་འཕྲིན་ཁང།

རྡ་རམ་སཱ་ལའི་ཁྱིམ་ཚང་༢༡༨་ཀྱི་དཀའ་ངལ་དེ་ས་ཆ་མིང་བསྒྱུར་གྱི་བཀའ་འཁྲོལ་ཙམ་ལས་ལས་དོན་གཞན་ཆ་ཚང་འགྲུབ་ཡོད་པ་ས་གནས་འགོ་འཛིན་ཟུར་པ་ཟླ་བ་རིན་ཆེན་ལགས་ཀྱིས་ས་གནས་འགོ་འཛིན་འཕོ་འགྱུར་སྐབས་གསུངས་འདུག
བཞུགས་སྒར་རྡ་སའི་མི་མང་གིས་འོས་འདེམས་བྱས་པའི་རྡ་ས་ས་གནས་འགོ་འཛིན་ཟུར་པ་ཟླ་བ་རིན་ཆེན་ལགས་དང་གསར་པ་ཀུན་དགའ་ཚེ་རིང་ལགས་གཉིས་ཀྱི་ལས་འགན་འཕོ་ལེན་སྐབས། ས་གནས་འགོ་འཛིན་ཟུར་པ་ཟླ་བ་རིན་ཆེན་ལགས་ཀྱིས། རྡ་རམ་ས་ལའི་ནང་བར་ལམ་གྱི་དཀའ་རྙོག་ཆེ་ཤོས་ཤིག་ནི་ཁྱིམ་ཚང་༢༡༨་གྱི་སྡོད་ཁང་གནས་དང་མ་གནས་ཀྱི་དཀའ་ངལ་དེ་ཆགས་ཡོད་སྟབས་དེ་འབྲེལ་ཚོགས་ཆུང་ཟུར་བཙུགས་ཡོད་པའི་ཐོག གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁང་ནས་འགན་ཁུར་ལམ་སྟོན་འོག་འབྲེལ་ཡོད་རྒྱ་གར་དབུས་ས་གཞུང་གཉིས་ལ་འབྲེལ་བ་ཞུས་ཏེ་ད་ཆ་ས་ཆ་མིང་བསྒྱུར་གྱི་བཀའ་འཁྲོལ་ཐོབ་རྒྱུ་ཙམ་ལས་གཞན་དཀའ་ངལ་ཧ་ལམ་སེལ་ཐུབ་པ་བྱུང་ཡོད་པ་གསུང་གནང་སོང་།
ཡང་ཁོང་གིས་ཐོག་མར་༢༠༡༦ ལོར་ས་གནས་འགོན་འཛིན་གྱི་ལས་ཁུར་ཞུས་མ་ཐག་རྡ་རམ་ས་ལའི་མང་ཚོགས་ཀྱི་འགོ་ཁྲིད་ཚོགས་ཆེན་བསྡུ་བསྐོང་དང་། དེ་ནས་མུ་མཐུད་ཉམ་ཐག་རོགས་སྐྱོར་དང་། ས་གནས་ཀྱི་བདེ་འཇགས། ལྷག་པར་དུ་རྡ་རམ་སཱ་ལ་འདི་བཞིན་༧གོང་ས་མཆོག་གི་བཞུགས་སྒར་ཡིན་པའི་ཆ་ནས་གད་རྙིགས་གཙང་བཟོའི་ལས་དོན་དང་། གཞན་ཡང་མྱོ་རྫས་ངན་གོམས་ཀྱི་དཀའ་ངལ། ལས་མེད་འཁྱམ་ཉུལ་བ་སོགས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པ་གསུང་གནང་སོང་།
ས་གནས་འགོ་འཛིན་གསར་པ་ཀུན་དགའ་ཚེ་རིང་ལགས་ནས། མང་ཚོགས་ཀྱི་རྒྱབ་སྐྱོར་གནང་བ་གཞིར་བཟུང་ས་གནས་འགོ་འཛིན་གྱི་ལས་དོན་ཧུར་ཐག་གནང་རྒྱུ་དང་དེར་འབྲེལ་ཡོད་ཚང་མས་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།