༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག

2009-01-12
གློག་འཕྲིན།
མཆན།
Share
པར་བཀོད།
༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག།
༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་སྤྱི་ལོ་༡༩༣༥ལོར་བོད་ཀྱི་ཨ་མདོ་སྟག་འཚེར་ལ་སྐུ་འཁྲུངས་ཤིང་།    དགུང་ལོ་བཞི་ལ་ཕེབས་སྐབས་རྒྱ་ས་ལྷ་སར་གདན་ཞུས་གནང་བ་དང་།    དེ་ནས་གསེར་ཁྲི་མངའ་གསོལ་ཞུས་པ།  དེ་ནས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་དང་རྒྱ་ནག་གི་དྲག་ཤུགས་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་དུ་སླེབས་པར་བརྟེན་གྲོ་མོར་ཉེན་གཡོལ་དུ་ཕེབས་པ།    སྤྱི་ལོ་༡༩༥༤ལོར་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བ།   སྤྱི་ལོ་༡༩༥༦ལོར་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠འཁོར་བའི་མཛད་སྒོར་ཆིབས་བསྒྱུར་གནང་བ་དང་།     རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ལ་རིམ་པས་འགྱུར་བ་བཏང་སྟེ་ཛ་དྲག་གི་གནས་སུ་སླེབས་པའི་སྐབས་ལྷ་ས་ནས་ཞལ་བྲལ་དགོས་བྱུང་བ།  རྒྱ་དམར་གྱིས་བཙན་འཛུལ་བྱས་རྐྱེན་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་།   འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྔ་རྗེས་ཐེངས་ཁ་ཤས་ཞུ་གཏུགས་སྙན་ཞུ་ཕུལ་གནང་བ།   རྒྱ་གར་མཱ་སུ་རི་ནས་བཞུགས་སྒར་རྡ་རམ་ས་ལར་གནས་སྤོས་གནང་བའི་རྗེས་དམངས་གཙོ་ལྡན་པའི་བཙན་བྱོལ་བོད་གཞུང་དབུ་བརྙེས་ཤིང་།   རྩ་ཁྲིམས་གཏན་འབེབས་གནང་བ།   བཙན་བྱོལ་གྱི་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོར་དམིགས་པའི་སློབ་གྲྭ་ཁག་གསར་བཙུགས་གནང་བ་དང་།     རིས་མེད་ཀྱི་ཆོས་སྒར་ཁག་གསར་བཙུགས།    དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱའི་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་གནང་བ།  ཐུགས་བསྐྱེད་དམ་བཅའ་གསུམ་སྟེ་འགྲོ་བ་མིའི་སྤྱོད་བཟང་གི་རིན་ཐང་གོང་འཕེལ་དང་།    ཆོས་ལུགས་མཐུན་སྒྲིལ།    བོད་དོན་དང་ཆོས་རིག་སྲུང་སྐྱོབ།   ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དམིགས་བསལ་མཛད་འཕྲིན།   ནང་ཆོས་སློབ་གཉེར་ཐད་བསྒྱུར་བཅོས་དང་གསར་གཏོད་གནང་བ།   དེ་བཞིན་སློབ་གསོའི་ཐོག་དམིགས་བསལ་མཛད་འཕྲིན།   སྐུ་གསུང་ཐུགས་ཀྱི་མཛད་པའི་ཁོངས་ནས་ཆེས་མཐོའི་གཟེངས་རྟགས་དང་མཁས་པའི་མཚན་སྙན་ཕུལ་བ།    གསུང་རྩོམ་ཕྱག་དེབ་པར་བསྐྲུན་ཞུས་པ་སོགས་བླ་ན་མེད་པའི་མཛད་འཕྲིན་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

མཆན། (0)
Share
དྲ་གནས་ཆ་ཚང༌།